丁增达瓦/阿妈贡嘎拉姆歌词
作曲 : 丁增达瓦
ཚིག དཔལ་བསམ་ཚེ་རིང་།
དབྱངས། བློ་ཚེ།
གླུ་པ། བསྟན་འཛིན་ཟླ་བ།
ཡིག་སྒྱུར་བ། དབལ་ཁྱུང་བསོད་ནམས།
ཡུལ་རང་བྱུང་ཁ་བའི་ལྗོངས་ཀྱི་ཞིང་།
ཐུགས་བརྩེ་སེམས་འོ་མའི་མཚོ་མོ་འཁྱིལ།
བྱམས་སྙིང་རྗེ་གངས་རིའི་དཀར་པོ་འདྲ།
དྲིན་ཨ་མ་བྱམས་པའི་བདག་མོ་ཡིན།
ཨ་མ་གངས་དཀར་ལྷ་མོ།
ཨ་མ་གངས་དཀར་ལྷ་མོ།
ངའི་བྱམས་ལྡན་ཨ་མའི་སྐུ་དྲིན་ཅན།
ངའི་སེམས་པའི་གཏིང་ན་ནམ་ཡང་དྲན།
ངེད་འགྲོ་བ་ཀུན་གྱི་གཞི་མ་དེ།
དྲིན་ཨ་མའི་གངས་དཀར་ལྷ་མོ་ཡིན།
ངའི་གཞིས་ཀྱི་དྲོད་འཇམ་ཉི་འོད་ཡིན།
ངའི་འཚོ་བ་སྐྱིད་ཀྱི་རྩ་བ་ཡིན།
ཨ་མ་གངས་དཀར་ལྷ་མོ།
ཨ་མ་གངས་དཀར་ལྷ་མོ།
ངའི་བྱམས་ལྡན་ཨ་མའི་སྐུ་དྲིན་ཅན།
ངའི་སེམས་པའི་གཏིང་ནས་ནམ་ཡང་དྲན།
补充纠错