English | 简体中文 | 繁體中文
查询

姑娘卓玛歌词

作曲 : 土旦
作词 : 土旦
བུ་མོ་སྒྲོལ་མ།
གཞས་པ། ཡིད་བརྟན་ཕུན་ཚོགས།
གངས་རི་ཟླ་འོད་འོག་ནས་འཚར་ལོངས་བྱུང་བའི་བོད་ཀྱི་བུ་མོ་ལགས།
དྲིན་ཆེན་ཕ་མ་ལ་མིག་བལྟ་བྱེད་པའི་བུ་མོ་སྒྲོལ་མ་ལགས།
ཁང་ཆུང་གྲུ་བཞིའི་ནང་ལས་ཀ་ལ་བརྩོན་པའི་བུ་མོ་སྒྲོལ་མ་ལགས།
ཁྱེད་ཀྱི་འགྱུར་མེད་ཀྱི་རང་གཤིས་དེ་ལ་བུ་ཆུང་ང་རང་དགའ།
ཨོ་་་་་་སྒྲོལ་མ་ལགས། ང་ཁྱེད་ལ་དགའ།
ལྷད་མེད་དུངས་བའི་སེམས་པ།
གཡོ་སྒྱུ་མེད་པ་སེམས་གཏིང་ནས་དགའ།
ཨོ་་་་་་་སྙིང་སྡུག་ལགས། ང་ཁྱེད་ལ་དགའ།
ལྷད་མེད་དུངས་བའི་སེམས་པ།
གཡོ་སྒྱུ་མེད་པ་སེམས་གཏིང་ནས་དྲན།
ལ་་་་་་་་ལ་་་་་་་་་་ལ་་་་་་་་
སྙིང་སྡུག་མཛེས་མ་ལགས།
ཨོ་་ལ་་་་་་་་ལ་་་་་་་་་་ལ་་་་་་་་
བུ་མོ་སྒྲོལ་མ་ལགས།
གླུ་གཞས་གསན་པར་ཐུགས་རྗེ་ཆེ།
མདང་དགོང་ཉལ་བའི་རྨི་ལམ་ནང་དུ་བུ་མོ་ཁྱེད་རང་མཇལ།
མཛེས་མཛེས་དཀར་དམར་ཞལ་རས་དེ་ནི་བུ་ངའི་ཡིད་ལ་འཁོར།
ཞོགས་པ་སྔ་པོ་གཉིད་ལས་སད་དུས་བུ་མོ་ཁྱེད་རང་དྲན།
སྙིང་ནས་བརྩེ་བའི་ལག་རྟགས་མཐོང་དུས་ཁྱེད་རང་རྟག་ཏུ་དྲན།
ཨོ་་་་་་སྒྲོལ་མ་ལགས། ང་ཁྱེད་ལ་དགའ།
ལྷད་མེད་དུངས་བའི་སེམས་པ།
གཡོ་སྒྱུ་མེད་པ་སེམས་གཏིང་ནས་དགའ།
ཨོ་་་་་་་སྙིང་སྡུག་ལགས། ང་ཁྱེད་ལ་དགའ།
ལྷད་མེད་དུངས་བའི་སེམས་པ།
གཡོ་སྒྱུ་མེད་པ་སེམས་གཏིང་ནས་དྲན།
ལ་་་་་་་་ལ་་་་་་་་་་ལ་་་་་་་
སྙིང་སྡུག་མཛེས་མ་ལགས།
ཨོ་་ལ་་་་་་་་ལ་་་་་་་་་་ལ་་་་་་
བུ་མོ་སྒྲོལ་མ་ལགས།
ཨོ་་ལ་་་་་་་་ལ་་་་་་་་་་ལ་་་་་་་་
སྙིང་སྡུག་མཛེས་མ་ལགས།
ཨོ་་ལ་་་་་་་་ལ་་་་་་་་་་ལ་་་་་་་་
བུ་མོ་སྒྲོལ་མ་ལགས།
补充纠错
下一曲歌名: 故乡雅砻歌词