心中的宝贝歌词
作词 : 美仁青
作曲 : 美仁青
སེམས་ཀྱི་ནོར་བུ།
གཞས་ཚིག རྨེ་རིན་ཆེན།
གཞས་་གདངས། རྨེ་རིན་ཆེན།
གཞས་མ། ཧོར་གཙང་ལྷ་ལུང་མཚོ།
~
གནམ་མཐའ་སྐྱ་རེངས་དགུང་ནས་གསལ། སྐར་ཆེན་མཁའ་ནས་ནུབ།
གཉིད་ལ་ཤོར་བའི་བུ་མོ་ང་། བྱེའུ་འཇོལ་མོས་དཀྲོགས།(×2)
ཤུག་པའི་ཟོམ་དཀར་རྒྱབ་ལ་ཁུར། ཆུ་བོའི་འགྲམ་ལ་སོང་།
ཆུང་འདྲིས་སེམས་ཀྱི་ནོར་བུ་ལགས། ཆུ་བོའི་འགྲམ་ནས་སྒུགས།(×2)
~
ཆུང་འདྲིས་འུ་གཉིས་བརྩེ་བའི་སེམས། ཆུ་བོའི་འགྲམ་ན་ཡོད།
མགོན་བོ་པང་ལ་བཞག་ནས་བསྡད། སྙིང་གཏམ་ཚིག་གསུམ་བཤད།(×2)
ནམ་མཁའ་གཡའ་ཞིང་དྭངས་པའི་དུས། ཉི་ཟེར་རི་རྩེར་ཤར།
སེམས་ཀྱི་སྙིང་གཏམ་བཤད་པའི་དཀྱིལ། འབྲལ་དགོས་དུས་ལ་བབས།(×2)
~
ཁྱོད་དང་མཉམ་དུ་འབྲལ་འདོད་མེད། སེམས་ཀྱི་ནོར་བུ་ལགས།
ཆུ་ཟོམ་ཁུར་ནས་ལམ་ལ་ཆས། ཕྱིར་མིག་ཐེངས་གསུམ་བལྟས།(×2)
ནམ་མཁའི་བླ་མ་དཀོན་མཆོག་མཁྱེན། བར་ཆད་མེད་པར་སྨོན།(×4)
~
补充纠错